Lam Ringpo

ང་རང་ཉིད་ཀྱི་ལམ་ལ་ཆས་ནས་འགྲོ།
ལམ་རིང་པོ།
མི་ཚེ་གཅིག་རང་དབང་གི་གོམ་པ་སྤོས་ནས་འགྲོ།
ལམ་རིང་པོ།
ང་རེ་བ་དང་ཕུགས་བསམ་འཚོལ་ལ་འགྲོ།
ལམ་རིང་པོ།
མི་ཚེ་གཅིག་རང་དབང་གི་གཤོག་པ་སྐྱངས་ནས་འགྲོ།
ལམ་རིང་པོ།

བྱ་དེ་ཁྲུང་ཁྲུང་དཀར་མོ།
གཤོག་རྩལ་ང་ལ་གཡར་དང་།
ཐག་རིང་རྒྱང་ལ་མི་འགྲོ།
ལེ་ཐང་སྐོར་ནས་བསླེབ་ཡོང་།
ཐག་རིང་རྒྱང་ལ་མི་འགྲོ།
ལེ་ཐང་སྐོར་ནས་བསླེབ་ཡོང།

མ་བྱེད་སེམས་ཁྲལ་མ་བྱེད།
འཇིག་རྟེན་ཁྲ་ཁྲ་ལམ་ཐག་རིང་པོ་རེད།
རང་ཉིད་རང་ལ་ཡིད་ཆེས་ཡོད་ན།
རེ་བའི་རྨི་ལམ་རིང་པོ་མེད།
མ་བྱེད་སེམས་ཁྲལ་མ་བྱེད།
འཇིག་རྟེན་ཁྲ་ཁྲ་ལམ་ཐག་རིང་པོ་རེད།
རང་ཉིད་རང་ལ་ཡིད་ཆེས་ཡོད་ན།
རེ་བའི་རྨི་ལམ་རིང་པོ་མེད།

ང་རང་ཉིད་ཀྱི་ལམ་ལ་ཆས་ནས་འགྲོ།
ལམ་རིང་པོ།
མི་ཚེ་གཅིག་རང་དབང་གི་གོམ་པ་སྤོས་ནས་འགྲོ།
ལམ་རིང་པོ།
ང་རེ་བ་དང་ཕུགས་བསམ་འཚོལ་ལ་འགྲོ།
ལམ་རིང་པོ།
མི་ཚེ་གཅིག་རང་དབང་གི་གཤོག་པ་སྐྱངས་ནས་འགྲོ།
ལམ་རིང་པོ།

བྱ་དེ་ཁྲུང་ཁྲུང་དཀར་མོ།
གཤོག་རྩལ་ང་ལ་གཡར་དང་།
ཐག་རིང་རྒྱང་ལ་མི་འགྲོ།
ལེ་ཐང་སྐོར་ནས་བསླེབ་ཡོང་།
ཐག་རིང་རྒྱང་ལ་མི་འགྲོ།
ལེ་ཐང་སྐོར་ནས་བསླེབ་ཡོང།

མ་བྱེད་སེམས་ཁྲལ་མ་བྱེད།
འཇིག་རྟེན་ཁྲ་ཁྲ་ལམ་ཐག་རིང་པོ་རེད།
རང་ཉིད་རང་ལ་ཡིད་ཆེས་ཡོད་ན།
རེ་བའི་རྨི་ལམ་རིང་པོ་མེད།



Credits
Writer(s): Tenzin Thupten
Lyrics powered by www.musixmatch.com

Link